རྩལ་ནུས་མཚམས་སྦྱོར།
ནང་འཇུག་ཐབས་འཛུལ་སྒོ
ནང་འཇུག་ཐབས་མཐུད་ངོས།
ནང་འཇུག་ཐབས་ཀྱི་སྒྲིག་སྲོལ།
ཡིག་རྒྱབ་འཇུག་སྒོའི་འགུལ་བརྙན།
ཞབས་ཞུའི་དོན་ཚན།

ནང་འཇུག་ཐབས་ངོ་སྤྲོད།

ལེགས་སྦྱར་སྐད་དང་།  པྲ་ཀྲི་ཏིའི་སྐད་ཀྱི་སྤྱོད་བདེ་ནུས་མང་ནང་འཇུག་བྱ་ཐབས།  འདི་གཤམ་དུ་ལེགས་པྲ་ནང་འཇུག་ཐབས་ཞེས་བསྡུས།V1.0འདིས་གྲངས་གནས་༣༢དང་།  གྲངས་གནས་༦༤ བྱེད་པའི་Win 10 Win 8 Win 7ཅེས་ཀྱི་རྒྱུད་ཁོངས་ལ་རྒྱབ་སྐྱོར་བྱས།

ལེགས་སྦྱར་སྐད་ཀྱི་ནང་འཇུག་ཐབས་འདེ་ནི་པེ་ཅིང་ཞིན་ཡི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་སྒེར་ཀྱིས་གསར་སྤེལ་བྱེད་པ་ཡིན་པས།  འདིེར་ཆེད་ཕེན་ཚན་མང་ཐོབ་པ་མ་ཟད། ཅིག་ཆར་དུ་རྩོམ་དབང་སྲུང་སྐྱོབས་ཀྱང་བྱེད་ཡོད།  ནང་འཇུག་གི་ཐབས་ལམ་རྒྱལ་སྤྱིའི་སྐད་དོད་ཀྱི་རྒྱུན་སྲོལ་ལྟར་IASTHKITRANSཁག་གསུམ་ལ་དབྱེ་ཡོད།  ནང་འཇུག་གི་དགོས་མཁོ་ལ་བཞིགས་ནས་天城体དང་ལ་ཐིན་ཡིག་རིགས་གཉིས་སུ་བརྗེ་པ་རྒྱབ་ཆོགས།  ནང་དུ་ཁྲི་རྒྱ་ལ་ཉེ་བའི་ཚིག་མཛོད་རང་འདོད་ལྟར་སྤྱོད་ཆོགས།

ལེགས་སྦྱར་སྐད་དང་པྲ་ཀྲི་ཏིའི་སྐད་ཀྱི་ནང་འཇུག་ཐབས་ལ་གོང་དུ་བརྗོད་པའི་རྩོལ་ནུས་ཀྱི་མི་ཚད་པར།  ད་དུང་རམ་འདེགས་ཀྱི་རྩོལ་ནུས་ཆེན་པོ་ལྡན་ཡོད།

 

རམ་འདེགས་ཀྱི་རྩལ་ནུས་གཅིག་ནི།  ཞར་ཞོར་གྱི་གློག་རྡུལ་ཚིག་མཛོད་ལས་སྟེགས་ཡོད།  StarDict(星际译王)、Mdictསོགས་ཀྱི་རྣམ་གཞག་བྱེད་པའི་ཕྱིར་སྟོན་གྱི་གློག་རྡུལ་ཚིག་མཛོད་ནང་འདྲེན་བྱེད་ཆོགས་པས།  སྤྱོད་མཁན་གྱི་ནང་འཇུག་བྱེད་པའི་སྐབས་སློབ་སྦྱོང་བྱེད་རྒྱུར་ཕན་པ་སྐྲུན་ཐུབ།

རམ་འདེགས་ཀྱི་རྩལ་ནུས་གཉིས་པ།  ཞོར་གཏོགས་ཀྱི་བརྙན་ཡོལ་མཐེབ་གཞོང་གིས་"དེ་ཝ་ན་ག་རི་ཡིག་གུ"རྒྱབ་སྐྱར་བྱེད་ཐུབ་པ་མ་ཟད།  ད་དུང་རོ་མའི་སྐད་འདོད་སོགས་དམིགས་བསལ་གྱི་ཡིག་རྟགས་ལའང་རྒྱབ་སྐྱར་བྱས་བས།  མཐོང་རུང་ཅན་དང་བཀོལ་སྤྱོད་སྟབས་བདེ་སོགས་ཀྱི་ཁྱད་ཆོས་ལྡན།

 “ ལེགས་སྦྱར་སྐད་དང༌། པྲ་ཀྲི་ཏིའི་སྐད་ཀྱི་སྤྱོད་བདེ་ནུས་མང་ནང་འཇུག་བྱ་ཐབས”པར་གཞི་V1.0འདིས་Windowsརྒྱུད་ཁོངས་ལ་རྒྱབ་སྐྱར་བྱས།  ཕྱིས་སུ་Androidདང་IOSདེ་བཞིན་Mac OSཅེས་ཀྱི་རྒྱུད་ཁོངས་འོག་གི་པར་གཞི་རིམ་བཞིན་ཁྱབ་སྤེལ་བྱ་རྒྱུ་ཡིན།

 

ནང་འཇུག་ཐབས་བརྗེ་སྒྱུར།

Win7ལ་Ctrl+Shiftའཐེབ་གནོན་ནས་ལེགས་སྦྱར་སྐད་དང༌། པྲ་ཀྲི་ཏིའི་སྐད་ཀྱི་ནང་འཇུག་ཐབས་འདོན་ཆོགས།

001.jpgམ་ལག་གི་"སྐད་ཡིག་ཚན་སྦྱང་"མངོན་རིས་དེ་ལྟར།

 

win 10 ལ་"win+ space bar"འཐེབ་གནོན་ནས་ལེགས་སྦྱར་སྐད་དང༌། པྲ་ཀྲི་ཏིའི་སྐད་ཀྱི་ནང་འཇུག་ཐབས་འདོན་ཆོགས།

 

002.jpg མ་ལག་གི་"སྐད་ཡིག་ཚན་སྦྱང་"མངོན་རིས་དེ་ལྟར།

 

ལེགས་སྦྱར་སྐད་དང་དབྱིན་སྐད་ཀྱི་བརྗེ་སྒྱུར།


003.jpg ནང་འཇུག་ཐབས་ལེགས་སྦྱར་སྐད་དང༌། པྲ་ཀྲི་ཏིའི་སྐད་ཀྱི་ནང་འཇུག་ཐབས་ཡིན་པ་ཁས་ལེན་བྱེད།

004.jpg དབྱིན་སྐད་ཀྱི་ནང་འཇུག་དཔེ་རྣམ།

 

"Shift"འཐེབ་གནོན་པའམ།   ཡང་ན་རྩི་གུའི་གཡོན་འཐེབ་གནོན་སྟེ་རྣམ་པའི་ཚན་བྱང་ཐོག་གི་རྟགས་རིས་གནོན་ནས།  ལེགས་སྦྱར་སྐད་དང་དབྱིན་སྐད་ཀྱི་བརྗེ་སྒྱུར་བྱེད་ཆོགས།