༼ ནུས་མང་སྤྱོད་བདེའི་ལེགས་སྦྱར་སྐད་དང་། པྲ་ཀྲི་ཏིའི་སྐད་ཀྱི་ནང་འཇུག་བྱ་ཐབས༽ ༼ གཤམ་ནས་ནང་འཇུག་བྱ་ཐབས་ཞེས་ནས་བསྡུས་བརྗོད་བྱ་རྒྱུ་ཡིན། ༽ ལ་ཆེད་ཁེ་མང་པོ་ཞིག་ཐོབ་ཡོད་པ་དང་སྦྲགས། རྩོམ་གྱི་བདག་དབང་ལ་སྲུང་སྐྱོང་ཐོབ་ཡོད། རྒྱུ་ཆ་ནང་འཇུག་གི་རྣམ་པ་ནི་རྒྱལ་སྤྱིའི་བསྒྱུར་འབྲི་ཡི་གོམས་སྲོལ་ལྟརIASTདང་། HKདང་། ITRANSབཅས་རིགས་གསུམ་དུ་དབྱེ་ཡོད་པ་དང་། དོན་དངོས་ཀྱི་ནང་འཇུག་བྱ་ཐབས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། གནམ་མཁར་གཟུགས་དང་ལ་ཏེན་ཡིག་གཟིགས་ལ་བསྒྱུར་འབྲི་བྱས་ཏེ་ནང་འཇུག་བྱས་ཆོག་པ་དང་། རང་སྟེང་ནས་ཚིག་མཛོད་ས་ཡ་ལྷག་ལ་ཉེ་བ་ཞིག་སྤྱོད་པར་བཀོལ་སྤྱོད་བྱས་ཆོག་པ་དང་ཆབས་ཅིག ལེགས་སྦྱར་སྐད་དང་། པྲ་ཀྲི་ཏིའི་སྐད་ཀྱི་ནང་འཇུག་བྱ་ཐབས་སུ་ཚིག་མཛོད་ཀྱི་ལས་སྟེགས་ཡོད་པ་དང་། དེར་Startdict(星际译王)དང་Mdictཚིག་མཛོད་ནང་འཇོག་བྱེད་པ་དང་། བཀོལ་མཁན་གྱིས་དེའི་བརྒྱུད་རིམ་ཁྲོད་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་རོགས་རམ་བྱེད་ཆོག དེའི་ཞོར་དུ་སྒྲིག་ཡོད་པའི་ཕབ་གཞུང་གིས་གནམ་མཁར་གཟུགས་སྤྱོད་ཐུབ་པ་མ་ཟད། རོ་མའི་བསྒྱུར་འབྲིའི་དམིགས་བསལ་གྲངས་རྟགས་ཡང་ནང་འཇོག་བྱེད་ཐུབ། དེ་ལ་གཟུགས་མཐོང་ཅན་དང་། སྤྱོད་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན། མིག་སྔར་འདོན་སྤྲོད་བྱས་པའི་ནུས་མང་སྤྱོད་བདེའི་ལེགས་སྦྱར་སྐད་དང་། པྲ་ཀྲི་ཏིའི་སྐད་ཀྱི་ནང་འཇུག་བྱ་ཐབས་ནིV1.0 པར་གཞིའིWindowsམ་ལག་ཏུ་སྤྱོད་ཐུབ། རྗེས་ཕྱོགསAndroidདང་། IOSདང་། གཞནMac OSབཅས་ཀྱི་མ་ལག་འོག་གི་པར་གཞི་ཡང་བསྟུད་མར་འདོན་སྤྲོད་བྱ་རྒྱུ་ཡིན།

ཧྭ་ཧྥན་དྲྭ་རྒྱ་ཡིས་མཉེན་ཆས་འདིའི་བཀོལ་སྤྱོད་ཁྲོད་དགོས་པའི་ཡིག་གཟུགས་འདོན་སྤྲོད་བྱེད་ཡོད་པ་མ་ཟད། བཀོལ་མཁན་གྱི་དགོས་མཁོ་མི་འདྲ་བའི་རེ་བ་སྐོང་རྒྱུ་གཞིར་བཟུང་སྟེ། སྒྱུ་རྩལ་ལྡན་པའི་ཡིག་གཟུགས་སྐོར་ཞིག་ཡང་དག་བསྒྲིགས་ཀྱིས་འདོན་སྤྲོད་བྱས་ཡོད།