༼  ཨང་ཀའི་དཔེ་རྗོད་ཁང་ ༽  ནི་དང་ཐོག་དྲྭ་ཐོག་ཏུ་བཀྲམ་པའི་གློག་རྡུལ་ཚིག་མཛོད་ཕྱོགས་བསྒྲིགས་བྱེད་པར་གཙོ་བོ་བཟུང་བ་ཞིག་ཡིན་་པ་དང་།   དེའི་ཁྲོད་གློག་རྡུལ་ཚིག་མཛོད་ཀྱི་རྣམ་གཞག་ལStartdict(星际译王)དང་Mdict སོགས་ཀྱི་ཁུངས་འདོན་མིང་མཛོད་འདུ་ཡོད། ཡི་གེ་ནང་ཕབ་ལ་ནོར་འཁྲུལ་ཡོད་སྲིད་པས་བཀོལ་མཁན་གྱིས་འོས་མཐུན་གྱིPDF ཚིག་མཛོད་ལ་ཞིབ་བསྡུར་བྱས་ནས་བཀོལ་སྤྱོད་གནང་རོགས།  དེ་ལྟར་བྱས་ཚེ།  བཀོལ་མཁན་གྱིས་དྲྭ་ཐོག་ནས་འཚོལ་བཤེར་བྱས་ཏེ་འགོར་འགྱངས་བྱེད་མི་དགོས་པ་མ་ཟད། ནང་འཇུག་བྱ་ཐབས་འདི་དང་མཉམ་འབྲེལ་གྱིས་བཀོལ་སྤྱོད་བྱས་ན། སློབ་སྦྱོང་གི་དུས་ཡུན་ཇེ་ཐུང་དུ་གྱུར་ཏེ། སློབ་སྦྱོང་གི་ཕན་འབྲས་དང་སྤྲོ་བ་མཐོར་འདེགས་གཏོང་ཐུབ། འདིའི་སྐོར་གྱི་རྒྱུ་ཆ་འཚོལ་བསྡུ་དང་ལེགས་སྒྲིག་གི་ལས་ཀ་དེ་མུ་མཐུད་དུ་བསྒྲུབ་རྒྱུ་ཡིན། དྲྭ་གྲོགས་རྣམས་ཀྱིས་འབྲེལ་ཡོད་ཀྱི་སྦྲེལ་སྣེ་དང་ཐོན་ཁུངས་འདོན་སྤྲོད་བྱ་བར་དགའ་བསུ་ཞུ། ངེད་ལ་འབྲེལ་གཏུག་གནང་རོགས།