ང་ཚོའི་སྐོར།

༼  ཧྭ་ཧྥན་དྲྭ་བ ༽  ཡིས་ལེགས་སྦྱར་སྐད་དང་།  པྲ་ཀྲི་ཏིའི་སྐད། བོད་སྐད་བཅས་ཀྱི་ཕྱོགས་ཀྱི་མཉེན་ཆས་དར་སྤེལ་དང་། རིན་མེད་ཕབ་ལེན། གཞན་འཚོལ་སྡུད་དང་ལེགས་སྒྲིག   དྲྭ་རྒྱའི་གྲངས་ལྡན་ཅན་ཐོན་ཁུངས་མཉམ་སྤྱོད་བཅས་པ་གཙོ་བོར་འདོན་སྤྲོད་བྱེད་པའི་སྤྱི་ཕན་རང་བཞིན་གྱི་དྲྭ་རྒྱ་ཞིག་ཡིན། 

༼  ཧྭ་ཧྥན ༽  ཞེས་པ་ནི་༼  ཝེ་ཧྲི་གླེང་བརྗོད་ཟིན་བྲིས། ༽  ཞེས་པ་ལས་དྲངས་པ་ཡིན་པ་དང་། དེ་ལས་ཀྲུང་གོའི་གནའ་བོའི་མཁས་དབང་གིས་ལེགས་སྦྱར་སྐད་ལ་གཟབ་ནན་ཞིབ་ཚགས་ཀྱིས་སློབ་སྦྱོང་བྱེད་པའི་རྣམ་འགྱུར་དེ་མངོན་ཡོད།  

བརྡ་འཕྲིན་གྱི་དུས་རབས་འདིའི་ནང་གློག་རྡུལ་ནང་འཇོག་དང་འབྲལ་ཐབས་མེད་པ་དང་། ནང་འཇུག་བྱ་ཐབས་ཀྱི་མཉེན་ཆས་ནི་རྨང་གཞི་ཡིན། དེ་སྔོན་ཀྲུང་གོར་ལེགས་སྦྱར་སྐད་དང་།   པྲ་ཀྲི་ཏིའི་སྐད་ལ་དམིགས་ནས་བསྒྲུབས་པའི་ནང་འཇུག་བྱ་ཐབས་ཤིག་མེད་པས་ཚང་མས་ཕྱི་རྒྱལ་གྱིས་དར་སྤེལ་བྱས་པའི་འཇུག་ཆས་དང་། ཡང་ན་Word ལས་རྩོམ་སྒྲིག་བྱས་པའི༼   དམིགས་བསལ་བྱེད་ནུས། ༽  དང་། དབྱིན་ཏིའི་སྐད་ཕ་སྐད་ཀྱིས་རྨང་གཞི་བྱས་ནས་གསར་གཏོད་བྱས་པའི་སྣ་གཅིག་ནང་འཇུག་བྱ་ཐབས་ཤིག་ཡིན་པ་མ་ཟད།  Tavultesoftཡི་ནང་འཇུག་བྱ་ཐབས་ཀྱི་ཀུང་སིའི་སྔ་མའིKeyman 5.0པར་གཞིའིICOཡི་ཡིག་ཆ་དང་ཡིག་གཟུགས་ཀྱི་མིང་བསྒྱུར་བཅོས་བྱས་ནས་ནང་འཇུག་བྱ་ཐབས་ཤིག་ཐོབ་པ་དང་། འདི་ལས་གསལ་བོར་ཤེས་ཐུབ་པ་ཞིག་ནི་རང་རྒྱལ་གྱི་མི་ལ་རྒྱ་གར་རིག་གནས་དང་། ནང་བསྟན་ཡིག་ཚགས་ཞིབ་འཇུག་ལ་སློབ་སྦྱོང་དང་རྒྱུས་ལོན་བྱ་བའི་དགོས་མཁོ་ཡོད་པ་ཤེས་ཐུབ། 

༢༠༡༦ལོའི་ཟླ༦པར༼  ཧྭ་ཧྥན་དྲྭ་བ ༽  ཡིས་རྒྱལ་ནང་ནས་རང་བདག་གིས་ཞིབ་འཇུག་གསར་གཏོདWindowsམ་ལག་ཏུ་ལས་སྟེགས་བརྒལ་ནས་སྤྱོད་བདེ་བའི་ནུས་མང་གི་ལེགས་སྦྱར་སྐད་དང་།  པྲ་ཀྲི་ཏིའི་སྐད་ཀྱི་ནང་འཇུག་བྱ་ཐབསV1.0ཐོག་མར་ཕྱིར་བཏོན། ༼  གཤམ་ནས་ནང་འཇུག་བྱ་ཐབས་ཞེས་ནས་བསྡུས་བརྗོད་བྱ་རྒྱུ་ཡིན། ༽   ནང་འཇུག་བྱ་ཐབས་ཀྱི་གསར་གཏོད་ནི་ཐོག་མའི་གསར་གཏོད་ཇུས་གཞི་ནས་ཚོད་ལྟའི་བར་དུ་ལོ་བདུན་བརྒྱུད་པ་དང་། དེ་ལ་ཆེད་མཁས་པ་དང་རིག་པ་བ། གཞན་འགོ་ཁྲིད་ཀྱིས་རྒྱབ་སྐྱོར་གྱིས་སྐུལ་སློང་མང་པོ་ཐོབ་ཡོད། ནང་འཇུག་བྱ་ཐབས་འདི་ལ་ལག་རྩལ་གྱི་ཆེད་ཁེ་དངGUIཆེད་ཁེ་མང་པོ་ཞིག་ཐོབ་ཡོད་པ་དང་ཆབས་ཅིག རྩོམ་རིག་གི་བདག་དབང་ལ་སྲུང་སྐྱོང་ཐོབ་ཡོད།  རྗེས་ཕྱོགསAndroidདང་།   IOSདང་།   གཞནMac OSབཅས་ཀྱི་མ་ལག་འོག་གི་པར་གཞི་ཡང་བསྟུད་མར་འདོན་སྤྲོད་བྱ་རྒྱུ་ཡིན། 

མཉེན་ཆས་གསར་གཏོད་དང་ཕབ་ལེན་ལ་ང་ཚོས་བྱེད་ནུས་མང་ཞིང་སྤྱོད་བདེ་བའི་དགོངས་དོན་གཞིར་བཟུང་ནས་ཇུས་འགོད་བྱས་ཡོད་པ་དང་།

དྲྭ་རྒྱའི་ཐོན་ཁུངས་གང་ལེགས་ཀྱིས་བེད་སྤྱོད་བྱས་ཏེ། སྐད་བརྡ་དང་རིག་གནས་ལ་སློབ་སྦྱོང་དང་རྒྱུས་ལོན་བྱས་ནས།  
༼  ཧྭ་ཧྥན་དྲྭ་བ ༽ ཡིས་ལས་ཁུངས་མང་པོ་ཞིག་དང་སྤྱི་ཚོགས་ཀྱི་ཚོགས་པ།  དེ་མིན་མི་སྒེར་བཅས་ལ་མཉམ་འབྲེལ་བྱས་ཏེ་དྲྭ་ནང་དུ་ཡོད་པའི་རྒྱ་གར་དང་བོད་ཀྱི་རིག་གནས་ཕྱོགས་ཀྱི་གྲངས་ལྡན་ཐོན་ཁུངས་འཚོལ་སྡུད་དང་གཏག་ཕབ་བྱས་ནས། ༼  སྐད་བརྡ་སློབ་སྦྱོང་། ༽  དང་༼  ཨང་ཀའི་དཔེ་རྗོད་ཁང་། ༽  གཉིས་ཀྱི་ནང་དོན་བསྒྲིག་རྒྱུ་ཡིན། རྒྱུ་ཆའི་སྐད་རིགས་ནི་ལེགས་སྦྱར་སྐད་དང་། པྲ་ཀྲི་ཏིའི་སྐད། བོད་སྐད། རྒྱ་སྐད་བཅས་པ་གཙོ་བོར་བྱས་ཡོད་པ་དང་། ནང་དོན་གྱི་ཆ་ནས་རྒྱ་གར་དང་།  བོད་ལྗོངས་ཀྱི་མཚན་ཉིད་རིག་པ།  ཆོས་ལུགས།  ཚན་རྩལ། ལོ་རྒྱུས་སོགས་འདུ་བ་དང་ཆབས་ཅིག རྒྱ་སྐད་ཀྱི་རང་རྒྱལ་གྱི་གནའ་བོའི་རིག་གནས་ཕྱོགས་ཀྱི་རྒྱུ་ཆ་ཡང་འདུས་ཡོད།